553w
བྱང་རབ་སྟོང་འཁོར།
(Hi No. 3457238)
ཁམས་སྟོང་འཁོར་དྲན་པའི་རྩོམ་ཡིག་ཞིག་བྲིས།ཁམས་སྟོང་འཁོར་ནི་མཛེས་ཞིང་བལྟས་ན་སྡུག་པའི་རི་གསུམ་མགོན་པོའི་གནས་དང་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་དགོན་པ་ཡོད་སའི་ཡུལ་ཞིག་ལ་ཡོད། དེ་ཡང་ལོ་ངོ་དུ་མའི་ལོ་རྒྱུས་ཡོད་པ་མ་ཟད་མི་རིགས་བཟང་པོའི་གནས་ཡུལ་ཞིག་ཀྱང་ཡིན། མི་རིགས་ཞིག་ལ་མཚན་ན་ལོ་རྒྱུས་དང་ཡུལ་དུས་གོམ་གཤིས་མི་འདྲ་བ་རེ་ཡོད་པ་དངོས་ཡོད་ཡིན།མཛེས་ཞིང་ཡིད་དུ་འོང་བའི་སྟོང་འཁོར་ནི་བདག་ཆུང་དུས་ཀྱི་སྐྱིད་སྡུག་མྱོང་ས་དང་ཕ་མའི་བྱམས་སྐྱོང་ཐོ་ས་གི་ཡུལ་ཁྱད་པ་ཅན་ཞིག་ཡིན། མགོན་བླ་མ་སྟོང་འཁོར་ཞབས་དྲུང་གི་ཐུགས་རྗེ་བྱིན་བླའི་འོག་ཡུལ་དགོན་སྡེ་བདུན་གྱི་མི་རྣམས་སེམས་ཞི་བདེ་དང་མི་རིགས་བར་མཐུན་པའི་གོམ་གཤིས་བཟང་པོའི་གནས།མགོན་བླ་མ་སྟོང་འཁོར་ཞབས་དྲུང་ནི་ང་ཚོས་སེམས་ནང་གི་ནོར་བུ་དང་སྙིང་ཁུངས་གི་རྩ་བའི་བླ་མ་ཡིན། ཁོང་ལ་དད་པ་དང་ཡིད་ཆེས་ནི་ང་ཚོས་མི་རབས་ནས་མི་རབས་དོར་མི་རུང་ལ་ནམ་ཡང་དོར་བའི་བསམ་པ་ཡང་མེད། ཡུལ་དེ་ལ། བློ་ཆོས་ལ་གཅོས་མཁན་གྱི་མི་རིགས་ཡོད་ལ་ད་དུང་ཆོས་དད་ཡུལ་སྟོང་འཁོར་དགོན་པ་ཡོད། དགོན་པ་ནི་མཛེས་ཞིང་ཡིད་དུ་འོང་ལ་གྲ་པ་རྣམས་སྤུས་ཀ་ཡག་ལ་རང་ལ་གཞན་གཅེས་པ་འཛིན་མཁན་ལས་གཞན་གང་ཡང་མ་མཐོང་།ཡུལ་དེ་བདག་ལ་ཆུང་བྱིས་པའི་བརྩེ་གྲོགས་དང་།བདག་བྱམས་སྐྱོང་གནང་མཁན་སྤུན་མཆེད་ཡོད།ཡུལ་དེ་ལ་ཐུགས་བྱམས་སེམས་ལྡན་པའི་རྒས་རབས་དང་། གུས་བརྩེ་གུལ་ཡོད་པའི་བོད་ཕྲུག་ཡོད། ཡུལ་དེ་ལ་མཛེས་བལྟས་ན་སྡུག་པའ་མེ་ཏོག་དང་། ལྷ་ཡུལ་ལས་མཛེས་པའི་སྤང་ལྗོངས་ཡོད། ཡུལ་དེ་ལ། དགའ་འོས་པའི་མི་རིགས་བཟང་པོ་ཡོད། གུས་བྱམས་བརྩེ་ལྡན་པའི་མི་རིགས་ཡོད། ལས་བཟང་པོ་གསག་པའི་མི་རིགས་ཡོད། སེམས་ཞི་བདེ་ལྡན་པའི་མི་རིགས་ཡོད།མི་རིགས་བཟང་པོའི་གོམ་གཤིས་དང་སེམས་ཞི་བདེའི་རང་གཞན་ལས་གྲུབ་པའི་བུ་ཕྲུག་ངའི་དུས་རྟག་ཏུ་སེམས་གཏིང་ནས་ཡང་ཡང་དྲན།དྲུག་པའི་ཚེས་བཞི་ཞེས་པའི་གླིང་གར་གཏོང་བ་མཐོང་དུས་ཆུང་དུས་གི་ས་སྐྱེས་རྡོ་སྐྱེས་གི་ཚོར་བ་ཡང་ཡང་དྲན་ལ་ད་དུང་མགྱོག་ནས་ནང་མི་ལྷན་འཛོམས་བྱུང་བའི་རེ་བ་སེམས་གཏིང་ནས་ཞུ།མཛེས་པའི་སྤང་ལྗོངས་སྔོན་པོ་དེ་དག་མཐོང་དུས་ཆུང་བྱིས་པའི་དུས་ཀྱི་བརྩེ་གྲོགས་རྣམས་ཡང་ཡང་དྲན།རི་གསུམ་མགོན་པོའི་གནས་རི་མཐོང་དུས་སེམས་ནས་གསོ་བ་འདེབས་གཞིན་དགའ་བ་སྐྱེས། ༢༠༡༤།༧།༢༩ ཉིན་བྲིས།ི
1 like