553w
བྱང་རབ་སྟོང་འཁོར།
(Hi No. 3457238)
དེ་རིང་ནི་ཧིན་མ་ཅ་མངའ་ཁོངས་ནང་ཡོད་པའི་བོད་པའི་སློབ་གྲ་ཁག་གི་གོ་སྒྲིག་འོག་བོད་ཕྲུག་ཚོས་རང་གི་ལག་རྩལ་ངོ་བཞིན་འདུག་་་་་དགའ་དགོས་པ་ཞིག་ལ་རང་གི་ཚ་མོ་བསྟན་འཛིན་བདེ་སྐྱིད་ཡང་མེ་ཏོག་མཚོན་མདོགས་འདྲ་མིན་དང་དབྱིབས་འདྲ་མིན་དཀྱི་ནས་འཛུམས་དམིགས་དམིགས་འདུག་་་ དངོས་གནས་ཡག་པོ་ཞེ་དྲག་བཟོས་འདུག་་་་་་་་་་་གོ་སྐབས་དོར་མི་རུང་། དུས་ཚོད་དངུལ་ཡིན་ཟེར་ན་ཤིན་ཏུ་བདེན་པ་ཡིན། ཁོང་ཚོས་རང་གི་དུས་ཚོད་བེད་སྤྱོད་ལེགས་པ་གཏོང་ནས་རས་མཚོན་མདོགས་འདྲ་མིན་ལས་གྲུབ་པའི་མེ་ཏོག་སོགས་སྣ་ཚོགས་ཞིག་ཚོང་གཞིན་འདུག་་་ བོད་ཕྲུག་དེ་ཚོར་ནི་གུས་ཞབས་དང་ལྡན་ཞིང་ཡ་རབས་བཟང་སྤྱོད་ལྡན་ལ། ཞལ་ནས་ལགས་སོ་དང་རྒན་ལགས་འབོད་གི་འདུག་་་ཅ་ལག་ཞིག་ཉོས་ན་ཞལ་ནས་ཐུགས་རྗེ་ཆེ་རྒན་ལགས་དང་མ་ཉོས་རུང་ཞལ་ལ་འཛུམ་མདངས་གི་ཁེབས་བཞིན་འདུག་་་མ་འོངས་སོན་རྩ་འདི་ཚོས་དེ་རིང་གོམས་གཤིས་བཟང་པོ་འདི་དག་མ་འོངས་ལོ་བཅུ་གྲངས་སོང་རྗེས་གཅིག་མཚུངས་ཡིན་ན་དགའ་བ་ལ། བོད་མི་རིགས་ཀྱི་སེམས་གཏིང་ན་གཅེས་པ་འོས་པའི་༧སྐྱབས་མགོན་དང་ཤིན་ཏུ་ཕྱུགས་པའི་རིག་གཞུང་ཡོད། ད་དུང་ཡ་རབས་བཟང་པོའི་གོམས་གཤིས་དང་ཤིན་ཏུ་ཕྱུགས་པའི་རིག་གནས་ཡོད། དེ་རིང་གི་བོད་ཕྲུག་ཚེས་འཛུམ་མདང་ཡིད་དུ་འོང་བ་དེའི་ངའི་མ་འོངས་ལས་བྱ་འདི་འདྲའི་རིགས་ལ་རྒྱལ་སྐྱོར་བྱེད་འདོད་ཆེན་པོ་བྱུང་། བོད་ཕྲུག་ཚོས་ལག་རྩལ་དང་བོད་ཕྲུག་དེ་དག་རྒྱལོ།
1 like