612w
🎸 རྨེ་སྲིབ་ནོར་བུ།
(Hi No. 3561827)
རྒྱ་རིགས་བོད་ལ་འདྲིས་པའི་ཉི་མ་ནས།།བོད་པའི་རང་གཤིས་བརྟན་པོ་འགྱུར་སོང་ཐལ།།གནམ་འོག་རྒྱ་གྲོང་ཆགས་པའི་ཚོང་ར།།མྱི་དང་མྱི་ཡི་ཚོང་རྫས་ཇེ་མང་རེད།།ཕྱི་མཛེས་སྒྱུ་མ་མཁན་པོའི་བཟོ་བཀོད་ལ།།དགའ་བའི་ཕོ་སར་མོ་སར་ཇེ་མང་རེད།།དོན་གྱི་བདེན་ལུགས་བཤད་པའི་སྨྲ་སྒོ་ལ།།གཡོ་འཕྲུལ་སྒྱུ་མའི་སྒོ་ཟ་ཇེ་བཅིངས་རེད།།སྟོང་འདུས་མི་ཚོགས་རྒྱས་པའི་རྒྱ་གྲོང་ན།།རང་ཚུགས་ཐུབ་པའི་མི་ཞིག་མ་ཡོད་ཟིག།སེམས་ཀྱི་སྒོ་མོ་ཕྱེ་རྒྱུ་མང་དྲགས་ན།།མཐའ་མར་རང་ཉིད་རང་གིས་བརླག་འགྲོ་གི།་་་༢༠༡༤།༧།༨ཉིན་རྨེ་ནོར་གྱིས།
1 like
