Avatar
574w
choden tawu (Hi No. 3451217)
༈།།དྭངས་གཙང་མཁའ་རུ་རིག་པའི་གཤོག་ཟུང་རབ་ཏུ་བརྐྱངས་པའི་རྒྱལ་བའི་མགོན།། མཁྱེན་བརྩེ་ནུས་གསུམ་དྲ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་འོད་སྟོང་ཅན།། ཟབ་དང་རྒྱ་ཆེའི་ཆོས་ཀྱི་བདུད་རྩི་རབ་ཏུ་འཇོ་བའི་གཏེར་ཆེན་པོ།། ཁྱེད་ནི་རྒྱལ་ཀུན་སྙིང་རྗེའི་བདག་ཉིད་སྙིགས་དུས་འགྲོ་བའི་མགོན་དུ་བརྗིད།། ཅེས་གུས་པ་སྐལ་ཆོས་ནས། འཁྲུངས་སྐར་བསུ་བའི་བསྟོད་ཚིག་ཏུ། ༢༠༡༤.༧.༥་ཉིན་རང་ཤག་ཏུ་བྲིས།
Tweet
1 like
Copyright © 2014-2025 Hi Technology, Inc. All rights reserved.Hi for iPhoneHi for AndroidPrivacyTerms