613w
🎸 རྨེ་སྲིབ་ནོར་བུ།
(Hi No. 3561827)
མི་རྣམས་ཀྱིས་འཇིག་རྟེན་ཐོག་གི་ཆེས་འཇིགས་སུ་རུང་བ་ནི་གདོན་འདྲེ་ཡིན་ཟེར། འོན་ཀྱང། དེ་ནི་ནམ་ཡང་མཐོང་མི་ཐུབ་པའི་སྐད་ཆ་ཙམ་རེད། ངས་བལྟས་ན། འཇིག་རྟེན་ཐོག་གི་ཆེས་འཇིགས་སུ་རུང་བ་ནི། མི་རེད། མི་ཞེས་པ་འདི་ཐོག་མར་སྤྲོ་འཛུམ་གྱིས་ཕྱུག་པའི་ངོ་གདོང་ཞིག་རེད། གཉིས་པ་རང་ཚུགས་མེད་པའི་སེམས་པ་ཞིག་རེད། གསུམ་པ། ཡོད་ཚད་སྲེག་སྤྱད་ཀྱི་མེ་ལྕེ་ཞིག་རེད། མཐའ་མ་ནི་མཛེས་སྡུག་ཐམས་ཅད་འཚིག་སོང་བའི་སོལ་བ་ནག་པོ་ཞིག་རེད། དངོས་གནས་བཤད་ན། འཇིག་རྟེན་ཐོག་གི་ཆེས་འཇིགས་སུ་རུང་བ་ནི་གདོན་འདྲེ་མ་ཡིན་ལ། མི་རེད། ༢༠༡༤།༧།༡མཚན་མོར་རྨེ་ནོར་གྱིས།

