549w
བོད་སྐད་དུ།
(Hi No. 3458012)
Tweet
1
like
Like
1 Comment
བོད་སྐད་དུ།
:
བུ་མོ་སྒྲོལ་མའི་མིག་ཆུ།
2014-07-03 གླིང་། 岭子藏文网站ཨ་མ་ལགས། ཨ་ཕ་ལགས། ཁྱེད་ཅག་གིས་ང་རང་བདེ་ས་སྐྱིད་ས་རུ་སྐྱེལ་བསམ་རུང་དོན་ངོ་མ་ང་རང་སྡུག་ས་དམའ་ས་རུ་སྦྱར་འདུག ཁྱེད་ཅག་གིས་ང་རང་ཆུང་ཆུང་གི་དུས་ནས་བཟུང་ངས་སྐད་ཆ་གང་འདྲ་ཞིག་ལབ་ཀྱང་། ཁ་ཚུམས་ཁྱེད་རང་བུ་མོ་ཡིན་པས་ཅི་གང་ཤེས་ཚད་ཡོད་མ་རེད་ཟེར་བཞིན་ངའི་སྨྲ་ལྕེ་ལ་ཚད་བཞག་མྱོངས་ལ་མ་ཟད་ང་རང་མི་ལོ་བདུན་གྱི་རྐང་ལམ་དུ་སླེབས་དུས་ཁྱེད་རང་བུ་མོ་ཡིན་པས་སློབ་གྲྭར་གཏང་ཀྱང་རྗེས་མ་ཅི་ཡང་ལོ་གི་མ་རེད་ཟེར་ནས་ང་རང་གི་མི་ཚེའི་རིན་ཐང་འཚོལ་དུ་བཅུག་མ་སོང་། འོན་ཀྱང་སྐབས་དེ་དུས་ང་རང་དྲིན་ཆེན་མ་ཕ་ཁྱེད་གཉིས་དང་མཉམ་དུ་ཡོད་དུས་ངས་རིག་གནས་ཟེར་བ་དེ་ཙམ་མི་དགོས་སྙམ། མ་ཕ་གཉིས་ཀྱི་བྱམས་བརྩེའི་དྲོད་ཁོལ་འོག་ང་ནི་བདེ་སྐྱིད་རྐྱང་རྐྱང་ངང་ནོར་ནག་གི་རྨིག་རྗེས་སུ་རྙིག་བཞིན་རྫི་རོགས་དོན་འགྲུབ་དང་ངེད་གཉིས་རིམ་བཞིན་བརྩེ་དུང་གི་མེ་ཏོག་ཞིག་འཇིག་རྟེན་མི་ཡུལ་འདིར་འཁྲུངས་མྱོངས། དེ་ནས་མི་ལོ་ཉེར་གཉིས་ཀྱི་དུས་ཚོད་དེ་ཡུན་ཙམ་ཞིག་ལ་འདས་རྗེས། ཀྱེ་མ་ཡ་ཀྱེ་མ་ཡ་སྟབས་མ་ལེགས་པའི་དགོང་མོ་ཞིག་ལ་ཨ་མའི་མོས་མཐུན་དང་ཨ་ཕའི་འཇོན་ཉམས་གཉིས་ཀྱིས་ང་རང་སང་ཉིན་སྔ་པོ་ནས་ཕར་ངོ་ཕར་ལ་མཐོང་མྱངས་མེད་པ་ཚུར་ངོ་ཚུར་ལ་ལྟ་མྱངས་མེད་པའི་དེ་འདྲའི་ཐག་རིང་གི་ཁྱིམ་ཚང་ཞིག་ལ་བག་མ་གཏང་རྒྱུའི་ངན་ཐག་བཅད་ཡོད་པ་ངས་ཤེས་སོང་། དེ་མ་ཐག་སྡུག་གི་མིག་ཆུ་སྔོན་མོ་འགོག་མེད་དུ་འཐོར་བཞིན་ཁོ་མོས་ངུ་ལབ་ཀྱི་ཁྲོད་དུ། འདི་ལྟར་སྨྲས། ཨ་མ་ལགས། ཨ་མ་ལགས། འདི་བདེན་པ་ཡིན་ནམ་རྫུན་པ་ཡིན། དཀོན་མཆོག་མཁྱེན། བདེན་པ་མིན་པར་སྨོན། དགེ་བ་ཡོད། དེ་ཚང་ལ་ང་རང་འགྲོ་རྒྱུ་མིན། ཨ་མ་ལགས་དགེ་བ་ཡོད། མ་གཞི་ང་ལ་ཚེ་རོགས་ཡོད། དགེ་བ་ཡོད་ང་འགྲོ་རྒྱུ་མིན་ཅི་ལྟར་ཞུས་ཀྱང། འདི་ནི་འཇིག་རྟེན་ཆོས་ཉིད་རེད་ཟེར། འདི་ནི་རང་རིགས་ལུགས་སྲོལ་རེད་ཟེར། ལབ་ས་གང་ཡང་མེད་པའི་སྒོ་ནས་མིག་ཆུ་དང་ལྷན་དུ་ཕྱི་ཉིན་སྔ་པོ་ནས་མནའ་མར་བཏང་སོང་། ཀྱེ་མ་ཡ། ཀྱེ་མ། དྲིན་ཆེན་མ་ཕ་གཉིས་དང་བྲལ་སོང་། རྫི་རོགས་བུ་ཆུང་དོན་འགྲུབ་ལུས་སོང་། མ་ས་མ་ཡུལ་སྐྱིད་པོ་གྱེས་སོང་། སྐྱོ་བའི་མིག་ཆུས་རྡོག་སྣ་མ་མཐོང་། ཨ་ཁ་ཁ་ང་སྐྱོ་སོང་། ང་སྡུག་སོང་། ཀྱེ་མ་ཀྱེ་ཧུ། རྒྱུས་མངའ་ཅི་ཡང་མེད་པའི་གཞན་ཁྱིམ་འདི་ནས་ངས་དྲན་བྱུང་། བཀའ་དྲིན་ཆེ་བའི་མ་ཕ་དྲན་བྱུང་། རྫི་རོགས་དོན་འགྲུབ་ལྷག་ཏུ་དྲན་བྱུང་། འདི་རུ་སླེབས་ནས་ལོ་ཟླ་འགོར་རུང་མིག་ཆུ་སྔོན་མོ་ད་དུང་སྐམ་མེད། འགྲོགས་མྱངས་མེད་པའི་མི་བུ་གཞན་ལ། དབུ་ཚུགས་ངང་དུ་དོན་འགྲུབ་སྒོམ་རུང་། བརྩེ་བ་ཟབ་མོ་སླེབས་རྒྱུ་མི་འདུག ཀྱེ་མ་ཡ་ཀྱེ་མ། ང་ལ་ཡོད་པ་ནི་མིག་ཆུ་ཁོ་ན་ཡིན། ཨ་མ་ལགས། ཨ་ཕ་ལགས། ཁྱེད་གཉིས་ཀྱིས་ཚོར་ཨེ་བྱུང་། ངས་ཉིན་ལྟར་བྱིས་པ་གཉོར་སྐྱོང་དང་ཁ་ཟས་གཡོ་བསྐོལ། དུད་ཚང་འདི་ཡི་ཁྱིམ་མི་ཚོ་ལ་ཞབས་ཞུ་དང་སྒོ་ཕྱུགས་འཚོང་སྐྱོང་སོགས་ཅི་ལྟར་བྱས་ཀྱང་ཁོ་ཚོས་ལོས་ཡིན་བསམ་མཁན་ལས་དགའ་སྣང་བྱེད་མཁན་ནི་སུ་ཡང་མེད་པར་མ་ཟད། ད་དུང་། ཡིད་མ་དགའ་བའི་རྣམ་འགྱུར་སྟོན་མཁན་ཡང་འདུག ཀྱེ་མ་ཡ། ཀྱེ་མ། མ་ཟད་ནམ་རྒྱུན་གྲོང་རོགས་རྒན་པོ་འགའ་ཡིས་བུ་མོ་ནི་མི་ལུས་ཕྱེད་ཀ་ཙམ་ལས་ཐོབ་ཡོད་མ་རེད་ཟེར་བ་ཞིག་དང་ཟ་དགོས་གྱོན་དགོས་སྟར་ཤར་བུ་ལོའི་རྒྱན་ཆ་རེད། ལས་དགོས་འགྲོ་དགོས་དམན་ཆུང་བུ་མོའི་ཆ་ལུཊ་རེད། ཞེས་པའི་ཕོ་མཆོག་མོ་དམན་གྱི་གཏམ་འཆལ་ལུང་པ་གང་ངའི་རྣ་བས་གོ་བ་ལན་མང་ཡིན། དེ་དག་གི་སློབ་གསོ་ངན་པའི་ཤུགས་རྐྱེན་ཞིག་གིས་ནམ་ཞིག ངས་རང་གི་ཚུགས་ཐུབ་ཀྱི་བསམ་བློ་དང་ཐོབ་ཐང་། ཁེ་དབང་བཅས་རྨང་ནས་བོར་ཞིང་། རང་ཉིད་རང་ཉིད་ཀྱིས་ཧ་ཅང་མཐོང་ཆུང་དང་སྒྱིད་ལུག་བྱེད་བཞིན་རང་ལུས་འདོམ་གང་ལ་རང་དབང་མེད་ཀྱིན་སྐྱོ་བའི་མགོ་བོ་ས་རུ་དུད་བཞིན། དབྱར་ཆར་ཆུ་དང་དགུན་ལྷག་རླུང་གི་ཁྲོད་ནས་ངལ་དུབ་ཀྱི་ལས་ཀ་རྐྱང་རྐྱང་བྱེད་བཞིན་ངོ་གསོ་གང་ཡང་མེད་པའི་གཞན་དབང་དང་གཞན་གཡོག་ཁོ་ནའི་ངང་ངའི་མི་ཚེ་འདི་ནས་སྟོང་ཟད་འགྲོ་བཞིན་ཡོད། ཀྱེ་མ་ཡ། ཀྱེ་མ། བུ་མོ་ཚང་མའི་ལས་དབང་འདི་ལྟར་མིན་ཤོག དཀོན་མཆོག་མཁྱེན། རང་ཉིད་སྨྲ་ཤེས་དོན་གོ་མི་ཡི་རིགས་སུ་གཏོགས་པ་ཞིག་ཡིན་རུང་མི་ཡི་ཐོབ་ཐང་འདྲ་མཉམ་དེ་ཅི་ཡང་རག་མི་འདུག ཀྱེ་མ་ཡ། ཀྱེ་མ། མིག་ཆུ་མིག་ཆུ། ཡི་གེ་འབྲི་མཁན། འབྲི་རུའི་སྐྱེན་སྦྲང་ཆར། གླིང་སྲས་བོད་ཡིག་དྲྭ་ཚུགས་ཀྱིས།
549w
2014-07-03 གླིང་། 岭子藏文网站ཨ་མ་ལགས། ཨ་ཕ་ལགས། ཁྱེད་ཅག་གིས་ང་རང་བདེ་ས་སྐྱིད་ས་རུ་སྐྱེལ་བསམ་རུང་དོན་ངོ་མ་ང་རང་སྡུག་ས་དམའ་ས་རུ་སྦྱར་འདུག ཁྱེད་ཅག་གིས་ང་རང་ཆུང་ཆུང་གི་དུས་ནས་བཟུང་ངས་སྐད་ཆ་གང་འདྲ་ཞིག་ལབ་ཀྱང་། ཁ་ཚུམས་ཁྱེད་རང་བུ་མོ་ཡིན་པས་ཅི་གང་ཤེས་ཚད་ཡོད་མ་རེད་ཟེར་བཞིན་ངའི་སྨྲ་ལྕེ་ལ་ཚད་བཞག་མྱོངས་ལ་མ་ཟད་ང་རང་མི་ལོ་བདུན་གྱི་རྐང་ལམ་དུ་སླེབས་དུས་ཁྱེད་རང་བུ་མོ་ཡིན་པས་སློབ་གྲྭར་གཏང་ཀྱང་རྗེས་མ་ཅི་ཡང་ལོ་གི་མ་རེད་ཟེར་ནས་ང་རང་གི་མི་ཚེའི་རིན་ཐང་འཚོལ་དུ་བཅུག་མ་སོང་། འོན་ཀྱང་སྐབས་དེ་དུས་ང་རང་དྲིན་ཆེན་མ་ཕ་ཁྱེད་གཉིས་དང་མཉམ་དུ་ཡོད་དུས་ངས་རིག་གནས་ཟེར་བ་དེ་ཙམ་མི་དགོས་སྙམ། མ་ཕ་གཉིས་ཀྱི་བྱམས་བརྩེའི་དྲོད་ཁོལ་འོག་ང་ནི་བདེ་སྐྱིད་རྐྱང་རྐྱང་ངང་ནོར་ནག་གི་རྨིག་རྗེས་སུ་རྙིག་བཞིན་རྫི་རོགས་དོན་འགྲུབ་དང་ངེད་གཉིས་རིམ་བཞིན་བརྩེ་དུང་གི་མེ་ཏོག་ཞིག་འཇིག་རྟེན་མི་ཡུལ་འདིར་འཁྲུངས་མྱོངས། དེ་ནས་མི་ལོ་ཉེར་གཉིས་ཀྱི་དུས་ཚོད་དེ་ཡུན་ཙམ་ཞིག་ལ་འདས་རྗེས། ཀྱེ་མ་ཡ་ཀྱེ་མ་ཡ་སྟབས་མ་ལེགས་པའི་དགོང་མོ་ཞིག་ལ་ཨ་མའི་མོས་མཐུན་དང་ཨ་ཕའི་འཇོན་ཉམས་གཉིས་ཀྱིས་ང་རང་སང་ཉིན་སྔ་པོ་ནས་ཕར་ངོ་ཕར་ལ་མཐོང་མྱངས་མེད་པ་ཚུར་ངོ་ཚུར་ལ་ལྟ་མྱངས་མེད་པའི་དེ་འདྲའི་ཐག་རིང་གི་ཁྱིམ་ཚང་ཞིག་ལ་བག་མ་གཏང་རྒྱུའི་ངན་ཐག་བཅད་ཡོད་པ་ངས་ཤེས་སོང་། དེ་མ་ཐག་སྡུག་གི་མིག་ཆུ་སྔོན་མོ་འགོག་མེད་དུ་འཐོར་བཞིན་ཁོ་མོས་ངུ་ལབ་ཀྱི་ཁྲོད་དུ། འདི་ལྟར་སྨྲས། ཨ་མ་ལགས། ཨ་མ་ལགས། འདི་བདེན་པ་ཡིན་ནམ་རྫུན་པ་ཡིན། དཀོན་མཆོག་མཁྱེན། བདེན་པ་མིན་པར་སྨོན། དགེ་བ་ཡོད། དེ་ཚང་ལ་ང་རང་འགྲོ་རྒྱུ་མིན། ཨ་མ་ལགས་དགེ་བ་ཡོད། མ་གཞི་ང་ལ་ཚེ་རོགས་ཡོད། དགེ་བ་ཡོད་ང་འགྲོ་རྒྱུ་མིན་ཅི་ལྟར་ཞུས་ཀྱང། འདི་ནི་འཇིག་རྟེན་ཆོས་ཉིད་རེད་ཟེར། འདི་ནི་རང་རིགས་ལུགས་སྲོལ་རེད་ཟེར། ལབ་ས་གང་ཡང་མེད་པའི་སྒོ་ནས་མིག་ཆུ་དང་ལྷན་དུ་ཕྱི་ཉིན་སྔ་པོ་ནས་མནའ་མར་བཏང་སོང་། ཀྱེ་མ་ཡ། ཀྱེ་མ། དྲིན་ཆེན་མ་ཕ་གཉིས་དང་བྲལ་སོང་། རྫི་རོགས་བུ་ཆུང་དོན་འགྲུབ་ལུས་སོང་། མ་ས་མ་ཡུལ་སྐྱིད་པོ་གྱེས་སོང་། སྐྱོ་བའི་མིག་ཆུས་རྡོག་སྣ་མ་མཐོང་། ཨ་ཁ་ཁ་ང་སྐྱོ་སོང་། ང་སྡུག་སོང་། ཀྱེ་མ་ཀྱེ་ཧུ། རྒྱུས་མངའ་ཅི་ཡང་མེད་པའི་གཞན་ཁྱིམ་འདི་ནས་ངས་དྲན་བྱུང་། བཀའ་དྲིན་ཆེ་བའི་མ་ཕ་དྲན་བྱུང་། རྫི་རོགས་དོན་འགྲུབ་ལྷག་ཏུ་དྲན་བྱུང་། འདི་རུ་སླེབས་ནས་ལོ་ཟླ་འགོར་རུང་མིག་ཆུ་སྔོན་མོ་ད་དུང་སྐམ་མེད། འགྲོགས་མྱངས་མེད་པའི་མི་བུ་གཞན་ལ། དབུ་ཚུགས་ངང་དུ་དོན་འགྲུབ་སྒོམ་རུང་། བརྩེ་བ་ཟབ་མོ་སླེབས་རྒྱུ་མི་འདུག ཀྱེ་མ་ཡ་ཀྱེ་མ། ང་ལ་ཡོད་པ་ནི་མིག་ཆུ་ཁོ་ན་ཡིན། ཨ་མ་ལགས། ཨ་ཕ་ལགས། ཁྱེད་གཉིས་ཀྱིས་ཚོར་ཨེ་བྱུང་། ངས་ཉིན་ལྟར་བྱིས་པ་གཉོར་སྐྱོང་དང་ཁ་ཟས་གཡོ་བསྐོལ། དུད་ཚང་འདི་ཡི་ཁྱིམ་མི་ཚོ་ལ་ཞབས་ཞུ་དང་སྒོ་ཕྱུགས་འཚོང་སྐྱོང་སོགས་ཅི་ལྟར་བྱས་ཀྱང་ཁོ་ཚོས་ལོས་ཡིན་བསམ་མཁན་ལས་དགའ་སྣང་བྱེད་མཁན་ནི་སུ་ཡང་མེད་པར་མ་ཟད། ད་དུང་། ཡིད་མ་དགའ་བའི་རྣམ་འགྱུར་སྟོན་མཁན་ཡང་འདུག ཀྱེ་མ་ཡ། ཀྱེ་མ། མ་ཟད་ནམ་རྒྱུན་གྲོང་རོགས་རྒན་པོ་འགའ་ཡིས་བུ་མོ་ནི་མི་ལུས་ཕྱེད་ཀ་ཙམ་ལས་ཐོབ་ཡོད་མ་རེད་ཟེར་བ་ཞིག་དང་ཟ་དགོས་གྱོན་དགོས་སྟར་ཤར་བུ་ལོའི་རྒྱན་ཆ་རེད། ལས་དགོས་འགྲོ་དགོས་དམན་ཆུང་བུ་མོའི་ཆ་ལུཊ་རེད། ཞེས་པའི་ཕོ་མཆོག་མོ་དམན་གྱི་གཏམ་འཆལ་ལུང་པ་གང་ངའི་རྣ་བས་གོ་བ་ལན་མང་ཡིན། དེ་དག་གི་སློབ་གསོ་ངན་པའི་ཤུགས་རྐྱེན་ཞིག་གིས་ནམ་ཞིག ངས་རང་གི་ཚུགས་ཐུབ་ཀྱི་བསམ་བློ་དང་ཐོབ་ཐང་། ཁེ་དབང་བཅས་རྨང་ནས་བོར་ཞིང་། རང་ཉིད་རང་ཉིད་ཀྱིས་ཧ་ཅང་མཐོང་ཆུང་དང་སྒྱིད་ལུག་བྱེད་བཞིན་རང་ལུས་འདོམ་གང་ལ་རང་དབང་མེད་ཀྱིན་སྐྱོ་བའི་མགོ་བོ་ས་རུ་དུད་བཞིན། དབྱར་ཆར་ཆུ་དང་དགུན་ལྷག་རླུང་གི་ཁྲོད་ནས་ངལ་དུབ་ཀྱི་ལས་ཀ་རྐྱང་རྐྱང་བྱེད་བཞིན་ངོ་གསོ་གང་ཡང་མེད་པའི་གཞན་དབང་དང་གཞན་གཡོག་ཁོ་ནའི་ངང་ངའི་མི་ཚེ་འདི་ནས་སྟོང་ཟད་འགྲོ་བཞིན་ཡོད། ཀྱེ་མ་ཡ། ཀྱེ་མ། བུ་མོ་ཚང་མའི་ལས་དབང་འདི་ལྟར་མིན་ཤོག དཀོན་མཆོག་མཁྱེན། རང་ཉིད་སྨྲ་ཤེས་དོན་གོ་མི་ཡི་རིགས་སུ་གཏོགས་པ་ཞིག་ཡིན་རུང་མི་ཡི་ཐོབ་ཐང་འདྲ་མཉམ་དེ་ཅི་ཡང་རག་མི་འདུག ཀྱེ་མ་ཡ། ཀྱེ་མ། མིག་ཆུ་མིག་ཆུ། ཡི་གེ་འབྲི་མཁན། འབྲི་རུའི་སྐྱེན་སྦྲང་ཆར། གླིང་སྲས་བོད་ཡིག་དྲྭ་ཚུགས་ཀྱིས། 549w