Avatar
613w
🎸 རྨེ་སྲིབ་ནོར་བུ། (Hi No. 3561827)
བྱིས་པའི་འཇིག་རྟེན་ན་ལྷ་མོ་རུ་བཞེངས་པའི་ཨ་ཅེ་ཚེ་སྒྲོན། མེ་ཏོག་གངས་ལྷ། གངས་ལྷ་མེ་ཏོག་གི་ཕོ་ཉ་བྱས་ཏེ། ཡུལ་ཨ་མདོ་རྔ་བའི་བཅའ་སྡོད་སློབ་ཆུང་དུ་བྱོན། ཁོ་མོའི་འཛུམ་ཆུང་འོག་གི་སློབ་ཕྲུག་རྣམས། ཁ་འཐོམ་ལག་འཐོམ་གྱི་རྣམ་པ་ལྟར་ཡོད་ཀྱང་། ཁོང་ཚོའི་སེམས་ཁུང་ན། ཆེས་ངོ་མཚར་བའི་མཛེས་སྡུག་གི་མཚོ་མོ་ཞིག་འཁྱིལ་བཞིན་ཡོད་པ་མ་ཟད། སྤྲོ་སྣང་གི་རྦ་རླབས་ཤིག་ཀྱང་མཆོང་གར་ངང་། ཡར་ལ་ལངས་ཡོད་པ་ཁོ་ཐག་རེད།༢༠༡༤།༧།༡ཉིན་ཞོགས་པ། རྨེ་ནོར།
Tweet
1 like
Like
Like
Copyright © 2014-2026 Hi Technology, Inc. All rights reserved.Hi for iPhoneHi for AndroidPrivacyTerms