Avatar
575w
བྱང་རབ་སྟོང་འཁོར། (Hi No. 3457238)
མཛེས་སྡུག་མ། ཁྱོད་ནི་ཡིད་དུ་འོང་བའི་མེ་ཏོག་བཞིན། བདག་གི་ལུས་ངག་ཡིད་གསུམ་ཁྱོད་ལ་བཅོལ། ཁྱོད་ནི་མཛེས་སྡུག་ལྡན་པའི་རྨ་བྱ་བཞིན། བདག་གི་ལུས་ངག་ཡིད་གསུམ་མཛེས་སྡུག་ལྡན། ཁྱོད་ནི་བདག་གི་ཡིད་དབང་འཕྲོག་པ་བྱེད་པོའི་ལྷ་མོ་ཡིན། རིན་ཆེན་སྣ་ལྔའི་རྒྱན་སོགས་མ་སྦེས་རུང་དུས་རྟག་ཏུ་ཡིད་དུ་འོང་། ཁྱོད་ནི་བདག་གི་ཡིད་དབང་འཕྲོག་པ་བྱེད་པོའི་མཛེས་མ་ཡིན། དཀར་དམར་བཅོས་མའི་མཚན་སོགས་མ་བྱུང་རུང་རྟག་ཏུ་མཛེས་སྡུག་ལྡན། མདོར་ན། ཁྱོད་ཀྱི་མཛེས་སྡུག ཁྱོད་ཀྱི་ལྷག་བསམ། ཁྱོད་ཀྱི་ལྷད་མེད་ཀྱི་བརྩེ་དུང་སོགས། ཡོད་ཚད་ནས་ཡོད་ཚད། བདག་གི་ནོར་བུ་ཡིན། ཁྱོད་ནི་བདག་གི་མ་འོང་བའི་རེ་བ་དང་ཕུག་བསམ་ཁོ་ན་ཡིན། བདག་ཁྱོད་ལ་སྙིང་དབུས་ནས་དགའ། ཕྱི་ལོ་ ༢༠༡༤ཟླ་ ༦ ཚེས་ ༣༠ ཉིན་བྲིས།
Tweet
1 like
Like
Copyright © 2014-2025 Hi Technology, Inc. All rights reserved.Hi for iPhoneHi for AndroidPrivacyTerms