Avatar
613w
🎸 རྨེ་སྲིབ་ནོར་བུ། (Hi No. 3561827)
ངས་སྒེའུ་ཁུང་ནས་ཕྱི་རོལ་ལ་ལྟ་དུས། ཕྱི་རོལ་གྱི་གཟུགས་རིས་མཐའ་དག་ཉི་འོད་ཀྱིས་སེར་ལམ་མེར་མནན་འདུག། ཉི་མའི་འོག་ངོཊ་ནས། བྱད་གཟུཊ་ཡོད་ཀྱང་གྲིབ་མ་མེད་པའི་བུ་མོ་ཞིག་གིས་ང་ལ་ཅེ་རེ་བལྟས་ནས་ཡོད་ཀི། ང་ཡང་ཅུང་སྐྲག་སྣང་ཞིག་གིས་ཧད་དེ་ལུས། ངས་རིག་པ་སྒྲིམ་ནས་ཞིབ་ཏུ་ལྟ་དུས། ཁོ་མོའི་བྱད་མདངས་ཡོད་ཚད། རེ་རེ་བཞིན་ཉི་རྡུལ་ནང་ཞིག་རལ་ངང་འཐོར་སོང་། ཡང་བསྐྱར་ལྟ་ལྡབ་ཅིག་བྱས་ཚེ། ཁོ་མོའི་བྱད་གཟུཊ་ཀྱི་ཆ་ཤས། རེ་རེ་བཞིན་གསོན་སྟེ་ཉི་ཟེར་ནས་འབུར་དུ་ཇེ་གསལ་ནས་ཇེ་གསལ་རེད། ངས་རང་གི་མགོ་ནང་ན་ཅུང་འགྲིག་མེད་ཀི་བསམ། མགོ་བོ་གཡུཊ་གཡུཊ་འགའ་བྱས་ཏེ། ཁུ་ཚུར་གྱིས་ཅུང་བརྡུངས། ཡང་བསྐྱར་སྒེའུ་ཁུང་ནང་ལྟ་དུས་ཅི་ཡང་མེད་ཀི། རེད། ངོ་མ། ངས་ཁོ་མོའི་ཕྱོཊ་སུ་བསམ་བློ་བཏང་བ་མང་དྲཊ་འདུག༢༠༡༤།༦།༢༨ཉིན།རྨེ་ནོར།
Tweet
1 like
Like
Copyright © 2014-2026 Hi Technology, Inc. All rights reserved.Hi for iPhoneHi for AndroidPrivacyTerms