558w
བྱང་རབ་སྟོང་འཁོར།
(Hi No. 3457238)
༸གོང་ས་མཆོག ཁྱེད་ནི་ང་ཚོས་སེམས་ནང་གི་ཉི་མ་བཞིན། འོད་ཟེར་ཕྱོགས་ཡོངས་ལ་ཁྱབ་སོང་། ཁྱེད་ནི་མཚན་མོའི་ཟླ་བ་བཞིན། སེམས་ཅན་ཀུན་གྱི་་མུན་ནག་གི་སྡུག་བསྔལ་སེལ། ཁྱེད་ནི་འཛམ་གླིང་སྤྱིའི་རྒྱན་ཆ་བཞིན། སྐྱེ་བོར་ཀུན་གྱི་ལུས་ངག་ཡིད་གསུམ་མཛེས་སྡུག་ལྡན། ཁྱེད་ནི་ང་ཚོས་སེམས་ནང་གི་སྒྲོན་མེ་བཞིན། དུས་གསུམ་ཀུན་གྱི་མ་རིག་མུན་པ་སེལ། ང་ཚོས་སེམས་ནང་གི་ནོར་བུ། སྙིང་ཁོངས་གི་རྩ་བའི་བླ་མ། ཞི་བདེའི་དེད་དཔོན་ཆེན་པོ། སྐྱེ་བོར་ཀུན་གྱི་བདེ་སྐྱིའི་སྐྱབས་མགོན་ཡིད་བཞིན་་ནོར་བུ། ངའི་སེམས་གཏིང་ནས་ཁྱོད་ལ་སྐུ་ཚེ་ཡིན་རིང་བཞུགས་པའི་སྨོན་་འདུན་གྲངས་མེད་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༡༤ ཟླ་༦ཚེས་༢༦ཉིན་བྲིས།