Avatar
576w
བརྟུལ་ཕོད་ཅན་ (Hi No. 3473994)
དེ་སྔོན་ཁྱེད་རྣམས་པས་མི་རིགས་དང་ཕ་མའི་རེ་བ་བཅངས་སྟེ་གཞལ་ཡུལ་དུ་ ཁ་ཕྱོགས་ནས་ཤེས་རིག་ཀྱི་རྒྱ་མཚོར་རྐྱལ་རྩལ་སྦྱོང་བར་སོང་
ད་ཆ་ ལས་དབང་ནི་ཅི་འདྲའི་དགའ་འོས་པ་ཞིག་དང་སྐྱོ་དགོས་པ་ཞིག་རིད་ ལས་ཀྱིས་དབང་པས་ང་ཚོ་སློབ་གླིང་འདིར་འཛོམས་དགོས་བྱུང་ སླར་ཡང་ལས་ཀྱིས་དབང་པས་དེ་ནས་ཐབས་མེད་ཁ་བྲལ་དགོས་བྱུང་སོང་ དེ་ནི་ཟློག་ཐབས་མེད་པ་ཞིག་རེད་ འོན་ཀྱང་ དེ་ལས་ལྷག་པ་ནི་ཁྱེད་དང་ང་ཡི་བརྩེ་གདུང་དེ་དང་ཡཔིད་ཆེས་དེ་ཡིན་ མཇུག་ཏུ་ང་ཚོ་འདིར་མུ་མཐུད་སྦྱང་བརྩོན་བྱེད་བཞིན་པའི་སྤུན་ཟླ་ཡོངས་ཀྱི་རེ་བ་ལ་ སྐུ་ཉིད་ས་ཆ་གང་དུ་སླེབས་རུང་རང་རིགས་ཁ་བའི་ཕུགས་འདུན་ལ་བསམ་ནས་འབད་པ་ཆུ་བོ་བཞིན་རྒྱུན་མི་ཆད་པར་སྨོན་ གྲོགས་པོ་ཚོ་བཀྲ་ཤིས་པ་དོན་འགྲུབ་པ་ཤོག་།
Tweet
1 like
Like
Like
Like
Like
1 Comment
KingBo : 3" 576w
Copyright © 2014-2025 Hi Technology, Inc. All rights reserved.Hi for iPhoneHi for AndroidPrivacyTerms