34"
544w
གངས་ཅན་པ་གུ་དྲག།
(Hi No. 3504208)
༼འབོད་སྐུལ༽གངས་ཅན་པ་གུ་དྲག་གིས།།
ཀ་ཁ་ག་ང་འདོད་ན་སྔ་ཙམ་ལོང་།།
ཁ་རླུང་གཙང་མ་འདོད་ན་སྔ་ཙམ་ལོང་།།
ག་འགྲོ་བདེ་ཐང་བསམ་ན་སྔ་ཙམ་ལོང་།།
ང་ཡི་ཁྱེད་ལ་འབོད་སྐུལ་དང་པོ་ཡིན།།
ཅ་ལག་ཚོང་རྫས་ཡོད་ན་སྔ་ཙམ་ལོང་།།
ཆ་བཞག་ཉ་བཞག་དགོས་ན་སྔ་ཙམ་ལོང་།།
ཇ་མར་ཐུད་གསུམ་འདོད་ན་སྔ་ཙམ་ལོང་།།
ཉ་ཉོབ་ང་ཡི་འབོད་སྐུལ་གཉིས་པ་ཡིན།།
ཏ་ཐཱའི་བསྟན་ལ་དད་ནས་སྔ་ཙམ་ལོང་།།
ཐ་མའི་སྤྱོད་པ་དོར་ནས་སྔ་ཙམ་ལོང་།།
ད་འབྱོར་དོན་ལྡན་བསམ་ནས་སྔ་ཙམ་ལོང་།།
ན་ཆུང་ང་ཡི་འབོད་སྐུལ་གསུམ་པ་ཡིན།།
པ་ཕའི་ཁ་ལ་ཉན་ནས་སྔ་ཙམ་ལོང་།།
ཕ་མའི་དྲིན་ལན་མཇལ་ཆེད་སྔ་ཙམ་ལོང་།།
བ་ར་སྒོ་ཕྱུགས་སྐྱོང་ཆེད་སྔ་ཙམ་ལོང་།།
མ་མེད་ང་ཡི་འབོད་སྐུལ་བཞི་པ་ཡིན།།
ཙ་རི་གནས་སྐོར་བསམ་ན་སྔ་ཙམ་ལོང་།།
ཚ་བོའི་བདེ་སྡུག་བསམ་ན་སྔ་ཙམ་ལོང་།།
ཛ་ཡི་གསུང་རབ་ཀློག་ན་སྔ་ཙམ་ལོང་།།
ཝ་ཕྲུག་ང་ཡི་འབོད་སྐུལ་ལྔ་པ་ཡིན།།
ཞ་བོ་ཞ་ར་ཡིན་ཡང་སྔ་ཙམ་ལོང་།།
ཟ་ཉལ་གཏི་མུག་མ་བྱེད་སྔ་ཙམ་ལོང་།།
འ་འུར་ཟང་ཟིང་ཆེ་ཡང་སྔ་ཙམ་ལོང་།།
ཡ་ཆུང་སྙིང་གི་འབོད་སྐུལ་དྲུག་པ་ཡིན།།
རྭ་ཅོ་སྒྱེ་བླུག ་མ་བྱེད་སྔ་ཙམ་ལོང་།།
ལ་རྒྱའི་དུངས་སེམས་ཡོད་ན་སྔ་ཙམ་ལོང་།།
ཤ་རུས་གདུང་རྒྱུད་བསམ་ན་སྔ་ཙམ་ལོང་།།
ས་མཐའི་བུ་ངའི་འབོད་སྐུལ་བདུན་པ་ཡིན།།
ཧ་ཅང་དབུལ་པོ་ཡིན་ན་སྔ་ཙམ་ལོང་།།
ཧ་ལས་ཕྱུག་པོ་ཡིན་ཡང་སྔ་ཙམ་ལོང་།།
ཨ་མའི་བུ་ཞིག་ན་སྔ་ཙམ་ལོང་།།
ཨ་རོགས་ཁམས་པའི་འབོད་སྐུལ་བརྒྱད་པ་ཡིན།།