Avatar
571w
རྨ་ཁ། (Hi No. 3460605)
ཕལ་སྐད་ཀྱི་ལམ་ནས་འཕགས་པ་ཞིག་དྲན་ཚུལ།
2014-06-01 安古的梦


ཕལ་སྐད་ཀྱི་ལམ་ནས་འཕགས་པ་ཞིག་དྲན་ཚུལ།


༼ ས་ཟླའི་དུས་ཆེན་ལ་ཕུལ། ༽

རྨ་ཁ།

ཀ་ཤིའི་རས་ཀྱི་དབུས་ནས་སྐུ་མཆོག་བལྟམས། །
ཁ་ཟས་ཆུ་ཐིགས་ཁྲོད་ནས་རྫོགས་སངས་རྒྱས། །
ག་དག་བཞེད་པ་འགྲུབ་ནས་མྱ་ངན་འདས། །
ང་ཡིས་ང་ཡི་སྟོན་པར་རྗེས་དྲན་ཞུ། །

ཅ་ཅོ་མི་མངའ་གསུང་གིས་འགྲོ་བ་སྒྲོལ། །
ཆ་བྱད་མཚན་དཔེ་སྐུ་ཡིས་གདུལ་བྱ་འདྲེན། །
ཇ་ཡུན་གཅིག་ཀྱང་ཐུགས་རྗེས་ཀུན་ལ་གཟིགས། །
ཉ་གང་ཟླ་བས་ཟླ་མེད་གང་དེ་དྲན། །

ཏ་ལའི་ལོ་འདབ་ངོས་ཀྱི་ཁྱེད་གསུང་གཟུགས། །
ཐ་གྲུ་རྒྱལ་ཁམས་ཀུན་ལ་ལྟེམ་མེར་ཁྱབ། །
ད་ལྟ་སྙིགས་མའི་དུས་ཀྱི་སྒྲོན་མེ་ཉིད། །
ན་མོ་མཧཱ་མུ་ནི་དེང་འདིར་བྱ། །

པ་ཊུ་ཡོངས་ཀྱིས་ཁྱེད་ཉིད་ཚད་མར་འཛིན། །
ཕ་རོལ་རྒོལ་བས་ཁྱེད་ཉིད་སྟོན་པར་འདུད། །
བ་གླང་བས་ཀྱང་ཁྱེད་ཉིད་དེད་དཔོན་བཀུར། །
མ་ལུས་འགྲོ་བའི་འདྲེན་པ་གཅིག་པུ་དྲན། །

ཙ་རི་སྒང་དུ་ཁྱེད་ཉིད་མ་བཞུགས་ཀྱང་། །
ཚ་བ་རོང་དུ་ཁྱེད་ཉིད་མ་ཕེབས་ཀྱང་། །
ཛ་ཡའི་གསུང་ཞེས་བོད་ཡུལ་ཀུན་ལ་ཁྱབ། །
ཝ་ལེར་སྐུ་དྲིན་དྲན་པས་རྗེས་སུ་དྲན། །

ཞ་ལོང་འོན་ལྐུག་ཟེར་ནས་མར་ཕུད་མིན། །
ཟ་ཧོར་རྒྱལ་རྒྱུད་ཟེར་ནས་ཡར་འཐེན་མིན། །
འ་ཅག་བདེ་སྡུག་འདུན་པ་ཀུན་མཚུངས་ཞེས། །
ཡ་ཐོག་འདྲ་མཉམ་སྨྲ་བ་དེང་འདིར་དྲན། །

ར་སར་བཞུགས་པའི་ཡིད་བཞིན་ནོར་བུའི་མདུན། །
ལ་ལུང་བརྒལ་ནས་མཇལ་དུ་འགྲོ་བའི་སྐབས། །
ཤ་ཁྲག་འཚོ་བ་སྤོང་བའི་དམ་བཅའ་ཡིས། །
ས་གའི་ཟླ་འདིར་ཁྱེད་ལ་རྗེས་དྲན་ཞུ། །

ཧ་ཅང་གོ་མེད་ལྟ་བུ་མ་ཡིན་མོད། །
ཨ་ཧོ་སྙན་འཇེབས་བསམ་པའི་ཚིག་སྦྱོར་མེད། །
ཀ་ནས་ཨ་བར་བསྟར་བའི་རྗེས་དྲན་འདི། །
གོ་བདེ་ཕལ་སྐད་ལམ་ནས་ཤར་མར་དགེ། །

༡༤། ༥། ༣༠། ས་ཟླའི་སྟོན་པའི་དུས་ཆེན་རྗེས་དྲན་ཞུ་མཚོན་རྟེན་འབྲེལ་ཚིག་གི་ལྷ་དར་དཀར་པོ་ཚ་བ་དཔའ་ཤོད་ཡུལ་ནས་ཡུན་དུ་བཏེགས་སོ།།

~~~~~~~~~~~~~~~~~~~~~~~~~~~
འཕྲིན་ཕྲན་སྤྱི་སྟེགས་ཨང་གྲངས: angusdream
微信公众平台号:angusdream
སྤྱི་སྟེགས་འཚོལ་གནས་དྲ་ཚིག http://mp.weixin.qq.com/s?__biz=MjM5MjAxOTkzNg==&mid=200201586&idx=3&sn=408da2328cb132cab75c641d6e99867a&scene=2&from=timeline&isappinstalled=0#rd
Tweet
1 like
Like
Like
Like
Like
Like
Like
Like
Like
Like
Like
5 Comments
གསེར་མིག :569w
སྤུ་གྲི། :བཀྲིས་བདེ་ལེགས།570w
དུང་ཕྲུག :ཡག་པོ་ཞེ་དྲག་འདུག བཀའ་དྲིན་ཆེ།571w
མི་ཚེའི་ཁེར་རྐྱང་། 人生单独 :ལེགས་སོ་ཐུགས་རྗེ་ཆེ།571w
Yeshi Kunga :ལེགས།571w
Copyright © 2014-2025 Hi Technology, Inc. All rights reserved.Hi for iPhoneHi for AndroidPrivacyTerms