545w
བདེན་པའི་མེ་ལྕེ་།
(Hi No. 3521725)
ཀ་ཡེ་བློ་མཐུན་བསམ་པ་དཀར་བ་རྣམས། ། ཁ་བ་རི་བོའི་རིག་པ་ཁོ་ནས་སློབས། །
ག་ལེར་བརྟགས་ན་སྔ་ཕྱི་འགལ་བ་མང་། །
ང་དང་ཁྱོད་ཅེས་ཕྱོགས་འཛིན་བྱེད་མི་རུང་། །
ཅ་ཅོར་སྨྲ་ཞིང་རང་ཉིད་གཅེས་འཛིན་གྱིས། །
ཆ་ལུགས་བསྒྱུར་ཙམ་བྱས་ན་ཆོས་པ་མིན། །
ཇ་ཆང་སྒྱུ་མའི་ནོར་འདི་འཇའ་ཚོན་བཞིན། །
ཉ་རྒྱས་ཟླ་བའང་མར་ངོ་ཉམས་ནས་སྟོང་། །
ཏཱ་རེ་སྒྲོལ་མ་བྱམས་མ་བསྟེན་ན་གཅིག །
ཐ་དད་མ་ཡིན་སངས་རྒྱས་ཐམས་ཅད་མཉམ། །
ད་ལྟ་བསྟན་པ་གང་ལ་དད་ཀྱང་རུང་། །
ན་འཆི་བྱུང་རྗེས་ཕྱི་མའི་གནས་གཅིག་ཕྱིར། །
པ་སངས་ལྟར་དཀར་གཞན་ལ་སྤྲོ་སེམས་གཅེས། །
ཕ་རོལ་རྒོལ་བ་མེད་ན་ཕན་ཚུན་མཐུན། །
བ་ལང་ངན་ཀྱང་བཀོལ་སྤྱོད་བྱེད་དུས་མཁོ། །
མ་མཐུན་དཀྲུགས་ན་སྟོབས་ཤུགས་མིང་མི་འབྱུང་། །
ཙ་རི་མངའ་རིར་བསྡད་ཀྱང་གཙོ་བོ་སེམས། །
ཚ་གྲང་གནོད་པ་བཟོད་ན་ཚད་ལྡན་གྱི། །
ཛཱ་ཡ་འཕགས་པའི་ལུང་བཞིན་མཛའ་བརྩེ་འབྱུང་། །
ཝ་ལེར་རིག་པ་མ་བསླབ་ཝ་སྐྱེས་བཞིན། །
ཞ་ལོང་མིན་ཀྱང་རང་དང་གཞན་དོན་དབེན། །
ཟ་མ་དུག་དང་སྦྱར་ན་བཟང་མི་བྱེད། །
འ་ཅག་བསམ་པ་ངན་ན་འོས་མཐུན་མེད། །
ཡ་མེད་གཤིན་རྗེའི་མདུན་ནས་གཡོ་སྒྱུས་དཀའ། །
ར་རི་བྲལ་བའི་རང་གི་རིག་པ་སྐྱོངས། །
ལ་ཐུར་བགྲོད་ན་རྟ་མཆོག་ལ་བརྟེན་བཞིན། །
ཤ་ཚ་སྙིང་ཉེ་མཐུན་པའི་བཤེས་གཉེན་བསྟེན། །
ས་སྟེང་མི་རིགས་ཀུན་གྱི་སེམས་མཐུན་དགོས། །
ཧ་ཧ་ཟེར་ཐབས་གཞན་གྱི་ཧོར་རྒྱུགས་མིན། །
ཨ་མའི་བུ་ལ་གདམས་བཞིན་ཨ་མཚར་ཚིག
ཀ་ཡེ་བློ་མཐུན་བསམ་པ་དཀར་བ་རྣམས་。་。ཁ་བ་རི་བོའི་རིག་པ་ཁོ་ནས་སློབས་。་。ག་ལེར་བརྟགས་ན་སྔ་ཕྱི་ འགལ་བ་མང་་。་。 ང་དང་ཁྱོད་ཅེས་ཕྱོགས་འཛིན་བྱེད་མི་རུང་། ་。 ཅ་ཅོར་སྨྲ་ཞིང་རང་ཉིད་གཅེས་འཛིན་གྱིས། ་。ཆ་ལུགས་བསྒྱུར་ཙམ་བྱས་ན་ཆོས་པ་མིན་་。 ཇ་ཆང་སྒྱུ་མའི་ནོར་འདི་འཇའ་ཚོན་བཞིན། ་。ཉ་རྒྱས་ཟླ་བའང་མར་ངོ་ཉམས་ནས་སྟོང་་。་。ཏཱ་རེ་སྒྲོལ་མ་བྱམས་མ་བསྟེན་ན་གཅིག་。ཐ་དད་མ་ཡིན་སངས་རྒྱས ་ཐམས་ཅད་མཉམ་。་。ད་ལྟ་བསྟན་པ་གང་ལ་དད་ཀྱང་རུང་་་。 ན་འཆི་བྱུང་རྗེས་ཕྱི་མའི་གནས་གཅིག་ཕྱིར། ་。 པ་སངས་ལྟར་དཀར་གཞན་ལ་སྤྲོ་སེམས་གཅེས། ་。ཕ་རོལ་རྒོལ་བ་མེད་ན་ཕན་ཚུན་མཐུན་་。 བ་ལང་ངན་ཀྱང་བཀོལ་སྤྱོད་བྱེད་དུས་མཁོ། ་。 མ་མཐུན་དཀྲུགས་ན་སྟོབས་ཤུགས་མིང་མི་འབྱུང་། ་。 ཙ་རི་མངའ་རིར་བསྡད་ཀྱང་གཙོ་བོ་སེམས། ་。ཚ་གྲང་གནོད་པ་བཟོད་ན་ཚད་ལྡན་གྱི་་。 ཛཱ་ཡ་འཕགས་པའི་ལུང་བཞིན་མཛའ་བརྩེ་འབྱུང་། ་。ཝ་ལེར་རིག་པ་མ་བསླབ་ཝ་སྐྱེས་བཞིན་。་。ཞ་ལོང་མིན་ཀྱང་རང་དང་གཞན་དོན་དབེན་。་。ཟ་མ་དུག་དང་སྦྱར་ན ་བཟང་མི་བྱེད་。་。འ་ཅག་བསམ་པ་ངན་ན་འོས་མཐུན་མེད་་。 ཡ་མེད་གཤིན་རྗེའི་མདུན་ནས་གཡོ་སྒྱུས་དཀའ། ་。ར་རི་བྲལ་བའི་རང་གི་རིག་པ་སྐྱོངས་་。 ལ་ཐུར་བགྲོད་ན་རྟ་མཆོག་ལ་བརྟེན་བཞིན། ་。 ཤ་ཚ་སྙིང་ཉེ་མཐུན་པའི་བཤེས་གཉེན་བསྟེན། ་。 ས་སྟེང་མི་རིགས་ཀུན་གྱི་སེམས་མཐུན་དགོས། ་。 ཧ་ཧ་ཟེར་ཐབས་གཞན་གྱི་ཧོར་རྒྱུགས་མིན། ་。ཨ་མའི་བུ་ལ་གདམས་བཞིན་ཨ་མཚར་ཚིག