Avatar
572w
བྱང་ལྷགས།北风 (Hi No. 3464697)
ཡབ་མེས་ཀྱི་བླ་མཁར།

ལྷོ་འཛམ་གླིང་ས་ཡི་ཡང་རྩེ་ན༎

བོད་མགོ་ནག་གནས་པའི་ས་ཆ་ཡིན༎

བོད་མགོ་ནག་གནས་ས་ཆ་ན༎

མཁར་འདི་་འདྲ་ཡོད་པ་ངོ་མཚར་ཆེ༎


རི་དམར་པོ་རི་ཡི་རྩེ་མོ་ལ༎

མཁར་དཀར་དམར་སྣ་གསུམ་ཡོད་པ་འདི༎

ལྷོ་འཛམ་གླིང་གྲགས་པའི་པོ་ཏ་ལ༎

བོད་མགོ་ནག་ཡུལ་གྱི་རྒྱན་ཆ་ཡིན༎


སྨོན་ལམ་ཚིག་གསུམ།

རྒྱན་འདི་ནི་གངས་རིའི་ནོར་བུ་ཡིན༎

འདིའི་ནང་དུ་ནོར་བུ་ཁེངས་པ་ཤོགས།།

བོད་མགོ་ནག་བསམ་དོན་འགྲུབ་པ་ཤོག།

ལྷོ་འཛམ་གླིང་ཞི་བདེ་ཡོང་བ་ཤོག།
Tweet
1 like
Like
Like
Like
Like
Like
Like
Like
Like
Like
Like
4 Comments
࿐ལྗོངས་ཉུལ། : 1" 571w
زۇلپىقار : 3" 571w
࿐རྨུགས་འཛིན་སྲས། :སྙན་མོ་འདུག།🙏🙏🙏571w
༼དུང་ངེ་བ༽ :572w
Copyright © 2014-2025 Hi Technology, Inc. All rights reserved.Hi for iPhoneHi for AndroidPrivacyTerms